མི་དམངས་རྩོམ་འབྲི།

དམ་ཆོས་དངོས་སུ་ལག་ལེན་འཐབ་ནི་ལུ་ལ་ཁག་ཨིན་པའི་སྐོར།


སྔོན་གྱི་ལས་དང་ཚོགས་བསགས།། མིག་གིས་མཐོང་ནི་མིན་འདུག།
ད་ལྟ་མི་ལུས་ཐོབ་པ།། སྔོན་གྱི་བསགས་སྟོབས་ཨིན་པས།།

སྙེད་དཀའི་ལུས་རྟེན་ཐོབ་ཀྱང་།། སེམས་ལུ་དགའ་བ་མ་བྱུང་།། 
 མ་རིག་དུག་གསུམ་དབང་དུ།།  མི་ཚེ་སྟོང་ལོག་ཟད་སོང་།།

མི་རྟག་འཆི་བའི་རང་བཞིན།། ཤེས་ཀྱང་སེམས་ལ་མ་དྲན།།
བཛའ་བཤེས་མཉམ་དུ་འགྲོགས་ཀྱང་།། འཆི་དུས་ཕན་ཐབས་མེད་དོ།།
                            
དགའ་སྐྱིད་སྣང་བ་ཤར་ཚེ།། མི་རྟག་སེམས་ལ་མི་དྲན།།
དབང་མེད་འཆི་བ་འོང་ཚེ།། དམ་ཆོས་ལྷང་ལྷང་དྲན་བྱུང་།།

རྒས་ཤིང་དུས་ལ་བབས་ཚེ།། དམ་ཆོས་བསྒྲུབ་དུས་ཡལ་སོང་།།
ངུ་སྐད་མང་དུ་བཏོན་ཀྱང་།། མ་འཆི་སྡོད་དབང་མེད་དོ།།
                         
དེ་ཕྱིར་ཕན་པའི་ལྷ་ཆོས།། བསྒྲུབ་པའི་རེ་འདོད་བསྐྱེད་ཀྱང་།།
བསོད་ནམས་མེད་པའི་བུ་ཆུང་།། བར་ཆད་མང་དུ་བྱུང་སོང་།།

གཉེན་འཁོར་ཕ་མའི་འདོད་པ།། འཇིག་རྟེན་བྱ་བ་ཡིན་ཞིན།།
བདག་ནི་ལྷ་ཆོས་འདོད་ཀྱང་།། ཕ་འདོད་དབང་དུ་ཤོར་སོང་།།
                            
བསླུ་མེད་དཀོན་མཆོག་གསུམ་གྱིས།། བརྩེ་བའི་ཐུགས་རྗེ་མ་ཆུང་།།
བློ་དམན་བུ་ཆུང་བདག་གི། བསམ་དོན་འགྲུབ་པར་ཤོག་ཅིག།

བྲིས་མི  ཨོ་རྒྱན་རྡོེ།
སློབ་རིམ་ བཅུ་གཉིས་པ་ ཚན་རིག་སྡེ་ཚན།
ལྷུན་རྩེ་ཕུ་ཡུམ་སློབ་གྲྭ་ཆེ་བ། ༢༠༠༨།

 


ཁྱོད་རའི་རྩོམ་འབྲི་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ཡོངས་འབྲེལ་ཐོག་ལས་གསལ་སྟོན་འབད་ནི་གི་ དང་འདོད་ཡོད་པ་ཅིན་
ང་བཅས་ལུ་ རྫོང་ཁ་ཡུ་ནི་ཀོགྲ་གི་ཐོག་ལུ་བྲི་ཞིནམ་ལས་ གློག་འཕྲིན་ཁ་རྒྱང་ webmasterbbs@bbs.com.bt ལུ་
གཏང་རུང་བཏུབ་ནི་དང་ ཡང་ཅིན་ webmaster མིང་ཐོ་ལུ་ པར་འཕྲིན་ཨང་ ༠༢ ༣༢༦༨༦༡ ལུ་གཏང་རུང་བཏུབ།
རབ་འབྱུང་པ་ཅིན་ རྩོམ་འབྲི་གི་དོན་ཚན་དང་འབྲེལ་བའི་པར་ཚུ་ཡང་གཏང་གནང་།
Google
 

© ༢༠༠༨ ཡོངས་འབྲེལ་འདི་གི་བདག་དབང་འབྲུག་རྒྱང་བསྒྲགས་ལས་འཛིན་ལུ་ཡོད།
ཡིག་སྒྲོམ་ཨང་༡༠༡། འབྲུག་ཐིམ་ཕུག བརྒྱུད་འཕྲིན་ཨང་
(+༩༧༥) ༢ ༣༢༣༠༧༡། ༣༢༣༠༧༢། པར་འཕྲིན་ཨང་ ༢ ༧༢༣༠༧༣།