བདུན་ཕྲག་གཅིག་གི་གཟའ་སྐར།


ཟླ་བཤད། 

ས་གླང་རང་ཟླ་ལྔ་པ་དེ་བཀྲ་ཤིས་ཟླཝ་ཕོགཔ་ལས་བརྟེན་  སྐུ་གསུང་ཐུགས་རྟེན་གསརཔ་བཞེང་ནི་དང་ ཁང་བཟང་གི་
རབ་གནས་འབད་ནི་ དགེ་སློང་ནང་འཛུལ་ནི་ གཉེན་རྐྱབ་ནི་ ཁྱིམ་གསར་ནང་འཛུལ་ནི་ རྟེན་འབྲེལ་བརྩི་ནི་དེ་ཚུ་
ལེགས་ཤོམ་ཡོདཔ་ཨིན།

རང་ཟླ་༥ པའི་ཚེས་༡ ལས་ ཟླཝ་༦ པའི་ཚེས་༡ ཚུན་བུམ་པ་གང་བ་ཤར་ཁ་ཐུག་ལུ་ཕོགཔ་ལས་ རྟེན་འབྲེལ་
བརྩི་སྲུང་གི་སྐབས་ལུ་ གདོང་ཕྱོགས་དེ་ཁར་བཏོན་ཏེ་ལཱ་འགོ་བཙུགས་པ་ཅིན་ལེགས་ཤོམ་འོང་ནི་ཨིན་པས།

ཟླཝ་འདི་ནང་ལུ་ས་བདག་འབྲུག་རྗེ་ཁྱམས་དང་ གནམ་སྒོ་ལུ་གནསཔ་ལས་ དེ་ཚུ་བཅོ་ཁ་བརྐྱབ་ནི་ཚུ་སྤང་དགོཔ་
ཨིན་པས།

ས་གླང་ཟླཝ་༥ པའི་ཚེས་ ༡ ལུ།                                  སྤྱི་ཚེས་༢༣།༠༦།༢༠༠༩

གཟའ་

ལྷག་པ་

སྐར་མ་  

མགོ་

ཉིནམ་

ས་སྟག་

རྟེན་འབྲེལ་

རེག་པ་

འཕྲོད་སྦྱོར་

ཆུ་རླུང་ཕྲད་པ།

འབད་བཏུབ་

ལྷ་བསངས་ཁྲུས་གསོལ་འབད་ནི་དང་ ཕྱྭ་འགུགས་རྐྱབ་ནི་ བང་མཛོད་བཙུགས་ནི་ ཞིང་ཁར་
སོན་བཏབ་ནི་དང་ སྐྱེ་ཤིང་མེ་ཏོག་བཙུགས་ནི་ཚུ་མ་གཏོགས།

འབད་མ་བཏུབ་

 

ཉིནམ་སྟག་ཕོགཔ་ལས་ ལྷ་སྲུང་གསོལ་ནི་དང་ རབ་གནས་འབད་ནི་ རིག་གནས་ཡིག་རྩིས་
ལྷབ་ནི་ གོ་གནས་གསརཔ་བཀལ་ནི་དང་ རྟེན་འབྲེལ་བརྩི་ནི་ ཁྱིམ་གསར་པའི་ནང་འཛུལ་ནི་
ས་ཐག་རིང་སར་འགྲོ་འགྲུལ་འབད་ནི་ སྡོད་གནས་སྤོ་ནི་ ཚོང་ལཱ་གསརཔ་འགོ་བཙུགས་ནི་ཚུ་
མི་བཏུབ་པས།

མཁའ་འགྲོའི་རྒྱུ་ལམ་

དུས་འཁོར་དང་ དབྱངས་འཆར་གཉིས་ཆ་ར་ལས་ནུབ་ལུ་ཐེབས་ཨིན་པས།།


ས་གླང་ཟླཝ་ ༥ པའི་ཚེས་ ༨ ལུ།                      སྤྱི་ཚེས་༣༠།༠༦།༢༠༠༩

གཟའ་

ལྷག་པ་

སྐར་མ་   

མེ་བཞི་

ཉིནམ་

ཆུ་བྱ་

རྟེན་འབྲེལ་

སྐྱེ་བ་

འཕྲོད་སྦྱོར་

ཆུ་རླུང་ཕྲད་པ།

འབད་བཏུབ་

དྲོ་པ་ལས་ཉི་ནག་གི་དུས་ཚོད་ངན་པ་དབུགས་ཐོབ་ལས།  གཟའ་སྐར་འཕྲོད་སྦྱོར་ངན་པས་  དུས་རྒྱུན་གྱི་
གསོལ་མཆོད་ཕུལ་ནི་ཚུ་མ་གཏོགས།

འབད་མ་བཏུབ་

དྲག་ལས་སྦྱིན་བསྲེག་རྐྱབ་ནི་དང་ རབ་གནས་འབད་ནི་ ཚོང་ལཱ་གསརཔ་འགོ་བཙུགས་ནི་དང་
རྟེན་འབྲེལ་བརྩི་ནི་ ས་ཐག་རིང་སར་འགྲོ་འགྲུལ་འབད་ནི་ ཨ་ལོ་གསར་སྐྱེས་ཕྱི་ཁར་བཏོན་ནི་དང་
བཙས་སྟོན་འབད་ནི་ ས་ཞིང་ཕྱི་ཁར་བཙོང་ནི་ཚུ་མི་བཏུབ་པས།

མཁའ་འགྲོའི་རྒྱུ་ལམ་

དུས་འཁོར་དང་ དབྱངས་འཆར་གཉིས་ཆ་ར་ལས་ལྷོ་ནུབ་ཁ་ཐུག་ལུ་ཐེབས།



ས་གླང་ཟླཝ་ ༥ པའི་ཚེས་ ༢ ལུ།                                 སྤྱི་ཚེས་༢༤།༠༦།༢༠༠༩

གཟའ་

ཕུར་བུ་

སྐར་མ་  

ལག་

ཉིནམ་

ལྕགས་ཡོས་

རྟེན་འབྲེལ་

སྐྱེ་མཆེད་

འཕྲོད་སྦྱོར་

ཆུ་རླུང་ཕྲད་པ།

འབད་བཏུབ་

 

ལྷ་བསངས་ཁྲུས་གསོལ་དང་ ལྷ་སྲུང་གསོལ་ནི་ ཕྱྭ་འགུགས་རྐྱབ་ནི་        རིག་གནས་ཡིག་རྩིས་ལྷབ་ནི་ ལེགས་པའི་བསྟུན་གྲོས་འབད་ནི་  གོང་མའི་ཞབས་སར་བཅར་ནི་   བྲན་གཡོག་བཙུགས་ནི་ ཞིང་ཁར་སོན་བཏབ་ནི་དང་ སྐྱེ་ཤིང་མེ་ཏོག་བཙུགས་ནི་ཚུ་ལེགས་ཤོམ་ཡོད།

འབད་མ་བཏུབ་

དྲག་ལས་སྦྱིན་བསྲེག་རྐྱབ་ནི་དང་ རབ་གནས་འབད་ནི་ ཚོང་ལཱ་གསརཔ་འགོ་བཙུགས་ནི་དང་ རྟེན་འབྲེལ་བརྩི་ནི་ ས་ཐག་རིང་སར་འགྲོ་འགྲུལ་འབད་ནི་ ཨ་ལོ་གསར་སྐྱེས་ཕྱི་ཁར་བཏོན་ནི་ བཙས་སྟོན་འབད་ནི་ ས་ཞིང་ཕྱི་ཁར་བཙོང་ནི་ཚུ་མི་བཏུབ་པས།

མཁའ་འགྲོའི་རྒྱུ་ལམ་

དུས་འཁོར་ལས་ལྷོ་དང་ དབྱངས་འཆར་ལས་ནུབ་བྱང་ཁ་ཐུག་ལུ་ཐེབས།




Google
 

© ༢༠༠༨ ཡོངས་འབྲེལ་འདི་གི་བདག་དབང་འབྲུག་རྒྱང་བསྒྲགས་ལས་འཛིན་ལུ་ཡོད།
ཡིག་སྒྲོམ་ཨང་༡༠༡། འབྲུག་ཐིམ་ཕུག བརྒྱུད་འཕྲིན་ཨང་
(+༩༧༥) ༢ ༣༢༣༠༧༡། ༣༢༣༠༧༢། པར་འཕྲིན་ཨང་ ༢ ༧༢༣༠༧༣།