གློག་མེ་མེད་པའི་ ས་གནས་ལ་ལོ་ཅིག་ནང་ ཉི་དྲོད་ཀྱི་མེ་བཙུགས་ཏེ་ཡོདཔ།
དབྱིན་ཟླ་
༢
པའི་ཚེས་༨
།
རྒྱལ་ཁབ་ནང་གི་ གློག་མེ་མ་ལྷོད་པའི་ས་གནས་ ལ་ལོ་ཅིག་ནང་ ཉི་དྲོད་ལུ་
བརྟེན་པའི་ མེ་བཙུགས་ཏེ་ཡོདཔ་ཨིན་མས།
ཨའི་སི་མོད་གིས་ཁ་ཐུག་ལས་ ས་ཁ་མཐོ་སའི་ས་གནས་ ལ་ལོ་ཅིག་ནང་གི་མི་ཚུ་ལུ་
ཕར་དང་ཚུར་འབག་བཏུབ་པའི་ མེ་ཡང་བྱིན་ཡོདཔ་ཨིན་རུང་ ཁོང་ལུ་དཀའ་ངལ་འདི་
ཉི་དྲོད་འདི་རྫོགསཔ་ད་ ལོག་འདི་ ལག་ལེན་འཐབ་མ་བཏུབ་པའི་སྐབས་ལུ་ བྱུང་དོ་ཡོདཔ་ཨིན་མས།
ཨིན་རུང་ ལོ་ཕྱེད་དང་གཉིས་ མེ་བཏེག་བཏུབ་པའི་འཕྲུལ་ལྟོ་གཅིག་ བཟོ་སྟེ་ཡོདཔ་ལས་ ད་ལས་ཕར་ དཀའ་ངལ་མི་ཐོན་ནི་ཨིན་མས།
སོས་གཡག་ས་ལུ་ ཉི་དྲོད་ལས་བརྟེན་པའི་གློག་མེ་འདི་ དྲོག་ཀྲར་ ཇཱ་ག་ནཏ་ ཤེས་ཏྲ་གིས་བཙུགས་ཡོདཔ་ཨིན་མས།
འདི་ཡང་དབྱིན་ལོ་༢༠༠༧ དབྱིན་ཟླ་༦ པའི་ནང་ དྲོག་ཀྲར་ ཇཱ་ག་ནཏ་ཤེས་ཏྲ་གིས་སོད་གཡག་ས་གི་མི་ཚུ་ ནུས་ཤུགས་ཀྱི་དཀའ་ངལ་
བྱུང་ཡོད་མི་འདི་ བལྟ་ནི་འབད་འགྱོ་ཡོདཔ་ཨིན་མས།
ཨའི་སི་མོད་གི་ཁ་ཐུག་ལས་ ག་སྟེ་འགྱོ་ས་འབག་བཏུབ་པའི་ཉི་དྲོད་ལས་བརྟེན་པའི་གློག་མེ་བཙུགས་ཡོད་རུང་ ཉི་དྲོད་གློག་མེ་གི་
འཕྲུལ་ལྟོ་འདི་རྫོགསཔ་ད་ ལོག་བསྐྱར་གསོ་འབད་མ་ཚུགས་པའི་ དཀའ་ངལ་ཐོན་ཡོདཔ་ཨིན་མས།
ལ་ནོར་འཚོ་མི་ ཨམ་སྲུ་གཅིག་གིས་ ཐབས་དང་གནས་སྐབས་གཅིག་ བཏོན་གནང་དགོ་པའི་གསོལ་འདེབས་འབད་ཡོདཔ་ཨིན་མས།
འཕྲུལ་ལྟོ་གསུམ་སྦེ་འདི་ཟླཝ་༡༨ ཐུབ་ནི་དང་ འཕྲུལ་ལྟོ་འདི་ཚུ་ཡང་ དུས་ཡུན་ཆུ་ཚོད་༣ གྱི་ནང་ལུ་ བསྐྱར་གསོ་འབད་ཚུགས་ནི་
ཨིན་མས།
འདི་ཁར་ལུ་ འཕྲུལ་ལྟོ་ གོ་མ་ཆོདཔ་ཚུ་ བཀོག་བཏང་རུང་ མཐའ་འཁོར་ལུ་གནོད་པ་ཡང་མེདཔ་ཨིན་མས།
འཕྲུལ་ལྟོ་གསརཔ་འདི་ སོས་གཡག་ས་དང་ ནུབ་རི་རྒེད་འོག་གི་ མི་དག་པ་གཅིག་ལུ་ཐོབ་སྟེ་ཡོདཔ་ཨིན་མས།
འཕྲུལ་ལྟོ་འདི་ཚུ་ཉོ་དགོ་པ་ཅིན་ དངུལ་ཀྲམ་ ༧༠༠ གནསཔ་ཨིན་མས།
གདོང་ཤོག
|
ལྟག་ལ
ུ
|
Enter your search terms
Web
bbs.com.bt
Submit search form
© ༢༠༠༨ ཡོངས་འབྲེལ་འདི་གི་བདག་དབང་འབྲུག་རྒྱང་བསྒྲགས་ལས་འཛིན་ལུ་ཡོད།
ཡིག་སྒྲོམ་ཨང་༡༠༡། འབྲུག་ཐིམ་ཕུག བརྒྱུད་འཕྲིན་ཨང་
(
+
༩༧༥) ༢ ༣༢༣༠༧༡། ༣༢༣༠༧༢། པར་འཕྲིན་ཨང་ ༢ ༧༢༣༠༧༣།