| |
ཐའི་ལུ་ རྒྱལ་པོའི་སྲས་མོ་གིས་ གསོལ་རས་གནང་ཡོདཔ།
|
དབྱིན་ཟླ་༡ པའི་ཚེས་༢༩།
ཐའི་ལེན་རྒྱལ་ཁབ་ནང་ལུ་ སྤྱི་ལོ་༢༠༠༩ གི་ པི་རིནས་ མཱ་ཧི་གྲོལ་ཟེར་མི་
གསོལ་རས་གསུམ་ གནང་ཡོདཔ་ཨིན་མས།
གསོལ་རས་འདི་ཡང་ འཛམ་གླིང་ནང་གི་སྨན་ཁང་དང་ མི་དམང་གསོ་བའི་ཞབས་ཏོག་
ནང་ལུ་ ལཱ་དང་གྲོགས་རམ་འབད་དེ་ ངོས་འཛིན་ཡོད་མི་ཚུ་གིས་ ཐོབ་ཡོདཔ་
ཨིན་མས།
གསོལ་རས་འདི་ཡང་ ཐའི་གི་ རྒྱལཔོ་མཆོག་གི་ངོ་ཚབ་སྦེ་ རྒྱལ་པོའི་སྲས་མོ་ ཅུ་ལ་བོན་ལས་ ཞུ་ཡོདཔ་ཨིན་མས།
གསོལ་རས་ཐོབ་མི་ཚུ་ཡང་ འཛམ་གླིང་སྤྱི་ཚོགས་ སྨན་རིག་ནང་ལུ་ མཁས་མཆོག་ ཨེ་ནི་མིལས་ཀྱིས་ཐོབ་ཡོདཔ་ཨིན་མས།
གསོལ་རས་གཅིག་ འཛམ་གླིང་གསོ་བའི་ཚོགས་པ་ནང་ལས་ དྲོག་ཀྲར་ཝི་ཝཊ་གིས་ ཐོབ་ཡོདཔ་ཨིན་མས།
ད་རུང་ གསོལ་རས་གཅིག་ མི་དམང་གསོ་བའི་ནང་ལས་ མི་ཅི་གིས་ ཐོབ་ཡོདཔ་ཨིན་མས།
ཁོང་མི་ངོམ་ཚུ་ལུ་ དངུལ་རྐྱང་གི་གསོལ་རས་ ཡུ་ཨེས་དྲོ་ལར་སྟོང་ཕྲག་༥༠ དང་ རྟགས་མ་ཚུ་བྱིན་པའི་ཤུལ་ལས་ སྐུ་འཁོར་ཚུ་དང་
མཇལ་ནི་ཨིན་མས།
གསོལ་རས་ཀྱི་དོན་ལས་ རྒྱལ་ཁབ་༣༥ གི་ནང་ལས་ འཐུས་མི་་༦༦ གིས་ དོ་འགྲན་འབད་ཡོདཔ་ཨིན་མས།
འདས་པའི་ལོ་༡༧ གི་ནང་ལུ་ པི་རིནས་མཱ་ཧི་གྲོལ་གི་གསོལ་རས་དེ་ མི་ངོ་དང་སློབ་ཁང་༥༡ གིས་ ལེན་ཡོདཔ་ཨིན་མས། |
|
|
|