ཉོགས་མེད་ལག་འཁྱེར་ཚུ་ གློག་རིག་ཡོངས་འབྲེལ་ཐོག་ལས་ འཐོབ་ཚུགས་ནི་ཨིནམ།

དབྱིན་ཟླ་ པའི་ཚེས་༥
དུས་ཅིག་གི་ལོ་མཇུག་ནང་ལས་ ཉོགས་མེད་ལག་འཁྱེར་ཚུ་ གློག་རིག་ཡོངས་འབྲེལ་
ཐོག་ལས་ དུས་ཡུན་ཐུང་གུ་ཅིག་གི་ནང་ལུ་ འཐོབ་ཚུགས་ནི་ཨིན་མས།

དེ་སྦེ་བཟོ་མི་དེ་གིས་ ཉེན་སྲུང་གི་ཉོགས་མེད་ཡིག་གུ་ལེན་མི་ཚུ་ལུ་ ཕན་ཐོགས་བྱུང་ནི་
ཨིན་མས།

ཐིམ་ཕུག་ཁྲིམས་སྲུང་འགག་པའི་ཡིག་ཚང་ལྟེ་བ་ནང་ལུ་ ཉེན་སྲུང་གི་ཉོགས་མེད་ཡིག་གུ་ཚུ་ ལེན་ནི་དོན་ལས་ ཉིན་བསྟར་བཞིན་དུ་
མི་༢༠༠ དེ་རེ་འོང་དོ་ཡོདཔ་ཨིན་མས།

ཉོགས་མེད་ཡིག་གུ་ལེན་མི་ཚུ་གི་གྲས་ལས་ མང་ཤོས་ཅིག་རང་ ལཱ་གཡོག་དང་ ཕྱི་རྒྱལ་ལས་ཕར་ ཆོས་ཡོན་ཏན་སྦྱང་པ་འགྱོ་ནི་
དོན་ལས་ ཉོགས་མེད་ཡིག་གུ་ལེན་མི་ན་གཞོན་ཚུ་ཡོདཔ་ཨིན་མས།

ད་རེས་ནངས་པ་ ཉོགས་མེད་ཡིག་གུ་ཚུ་ལེན་ནི་དོན་ལས་ འབྲི་ཤོག་ཕོརམོ་ལེ་ཤ་བཀང་དགོ་མི་དེ་ དུས་ཚོད་འགོར་དོ་ཡོདཔ་ལས་
སྟབས་མ་བདེཝ་སྦེ་ཡོདཔ་ཨིན་མས།

ཉེན་སྲུང་གི་ཉོགས་མེད་ཡིག་གུ་ཚུ་ཡང་ སློབ་སྦྱོང་དང་ གོ་གནས་ཡར་སེང་ ལམ་ཡིག་བཟོ་ནི་ཚུ་གི་དོན་ལས་ དགོ་དོ་ཡོདཔ་ད་ ད་རེས་
ནངས་པ་ ཉོགས་མེད་ཡིག་གུ་ཚུ་ལེན་ནི་དོན་ལས་ ཡིག་རིགས་ཀྱི་ཐོག་ལས་ ལཱ་ལེ་ཤ་འབད་དགོཔ་ལས་བརྟེན་ཏེ་ དུས་ཚོད་འཕྲོ་རླགས་
འགྱོ་དོ་ཡོདཔ་ཨིན་མས།

ཨིན་རུང་ དུས་ཅིག་ལོ་མཇུག་ཁམས་ཅིག་ལས་ ཉེན་སྲུང་གི་ཉོགས་མེད་ཡིག་གུ་ཚུ་ གློག་རིག་ཡོངས་འབྲེལ་ནང་ལས་ འཐོབ་ཚུགས་ནི་
ཨིནམ་ལས་ ཟད་འགྲོ་དང་ དུས་ཚོད་འཕྲོ་རླགས་མི་འགྱོ་ནི་ཨིན་མས།

གློག་རིག་ཡོངས་འབྲེལ་ཐོག་ལས་ ཉོགས་མེད་ཡིག་གུ་ལེན་མི་དེ་ལུ་ ཉེན་སྲུང་གི་གནས་ཚད་ཚུ་ འབྲེལ་བ་ཡོད་པའི་འགོ་དཔོན་ཚུ་དང་
ཅིག་ཁར་ དབྱེ་ཞིབ་འབད་བཞིནམ་ལས་ གནང་བ་ཚུ་ ཉིནམ་གཅིག་གི་ནང་རང་ ལེན་ཚུགས་ནི་ཨིན་མས།

ལམ་ལུགས་གསརཔ་གཞི་བཙུགས་འབད་མི་དེ་གིས་ མི་སེར་དང་གཞུང་༢ ཆ་རང་ལུ་ ཕན་ཐོགས་འབྱུང་ནི་ཨིནམ་མ་ཚད་ དེ་ཡང་
གཞུང་གི་ལམ་ལུགས་དང་ལྕོགས་གྲུབ་ཚུ་ རྒྱ་སྐྱེད་བཏང་ནི་ལུ་ ཕན་ཐོགས་འབྱུང་ནི་ཨིན་མས།


Google
 

© ༢༠༠༨ ཡོངས་འབྲེལ་འདི་གི་བདག་དབང་འབྲུག་རྒྱང་བསྒྲགས་ལས་འཛིན་ལུ་ཡོད།
ཡིག་སྒྲོམ་ཨང་༡༠༡། འབྲུག་ཐིམ་ཕུག བརྒྱུད་འཕྲིན་ཨང་
(+༩༧༥) ༢ ༣༢༣༠༧༡། ༣༢༣༠༧༢། པར་འཕྲིན་ཨང་ ༢ ༧༢༣༠༧༣།