| |
ཀེན་སར་ཐོབ་མི་གི་གྱངས་ཁ་འདི་ ཡར་སེང་འགྱོ་དོ་ཡོདཔ།
|
དབྱིན་ཟླ་༢ པའི་ཚེས་༥།
རྒྱལ་ཁབ་ནང་ལུ་ ཤི་རྐྱེན་བྱུང་བཅུག་མི་ ནད་གཞི་༡༠ གི་གྲས་ལས་ གཅིགཔ་དེ་
ཀེན་སར་གྱི་ནད་གཞི་ལས་བརྟེན་ཏེ་ ཤི་རྐྱེན་བྱུང་དོ་ཡོདཔ་ཨིན་མས།
ཀེན་སར་གྱི་ནད་གཞི་ ལེ་ཤ་ཡོད་མི་གྲས་ལས་ འབྲུག་མི་ཚུ་ལུ་ མང་ཤོས་ཅིག་རང་
ཕོརཝ་གི་ ཀེན་སར་ཐོབ་དོ་ཡོདཔ་ཨིན་མས།
ཨིན་རུང་ ད་རེས་ནངས་པ་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལུ་ མགུ་ཏོག་དང་ ལྐདམོ་ལུ་ ཀེན་སར་ཐོབ་མི་ནདཔ་ཚུ་ འོང་དོ་ཡོདཔ་
ཨིན་མས།
སྨན་ཁང་གི་འགོ་དཔོན་ཚུ་གིས་སླབ་མི་ནང་ མགུ་ཏོག་དང་ལྐདམོ་གི་ ཀེ་སར་ཐོབ་མི་གི་གྱངས་ཁ་ཚུ་ ཡར་སེང་འགྱོ་མས་ཟེར་ཨིན་མས།
|
ད་རིས་ནངས་པ་ སྨན་ཁང་ནང་ལུ་ བདུན་ཕྲག་རེ་གི་ནང་ལུ་ མགུ་ཏོག་དང་ ལྐདམོ་ལུ་
ཀེན་སར་ཡོད་མི་ནདཔ་༣ དང་༤ གི་བར་ན་
ངོས་འཛིན་འབད་དོ་ཡོདཔ་ཨིན་མས།
ཧེ་མ་འབད་བ་ཅིན་ མིག་ཏོག་དང་ལྐདམོ་གི་ ཀེ་སར་ཡོད་མི་ཚུ་གི་སྐོར་ལས་
རྣམ་ཅོག་གིས་རང་ མ་གོཝ་ཨིན་མས།
གསོ་བའི་དྲུང་འཚོ་ཚུ་གིས་སླབ་མི་ནང་ མགུ་ཏོག་དང་ལྐདམོ་གི་ ཀེན་སར་ནད་གཞི་ཚུ་ཡང་ མང་ཤོས་ཅིག་རང་ ཏམ་ཁུ་འཐུང་མི་དང་
རྡོ་མ་བཟའ་མི་ དེ་ལས་ ཆང་འཐུང་མི་ཚུ་ལུ་ ཐོབ་མས་ཟེར་ཨིན་མས།
དྲུང་འཚོ་ཚུ་གིས་སླབ་མི་ནང་ མགུ་ཏོག་དང་ལྐདམོ་གི་ ཀེན་སར་དེ་ ཉེན་ཁག་ཡོད་མི་ནད་གཞི་ཅིག་ཨིནམ་ལས་ བཤགས་བཅོས་ཚུ་
འབད་དེ་འབད་རུང་ ལཱ་ཁག་ཡོད་ཟེར་ཨིན་མས།
ཨིན་རུང་ དུས་ཚོད་ལུ་ ནད་གཞི་ཚུ་ངོས་འཛིན་འབད་དེ་ སྨན་བཅོས་འབད་བ་ཅིན་ ནད་གཞི་དེ་ དྲག་ཚུགས་ཟེར་ཨིན་མས།
ཀེན་སར་གྱི་ནད་གཞི་བཀག་ཐབས་འབད་ནི་གི་ ཐབས་ཤེས་གཙོ་བོ་རང་ ནད་གཞི་ཐོབ་པའི་རྒྱུ་ རྡོ་མ་དང་ ཏམ་ཁུ་ ཆང་ཚུ་སྤང་ནི་དེ་
ཨིན་མས། |
|
|
|