སི་རི་ལང་ཀཱ་རྒྱལ་ཁབ་ནང་ལུ་ སྲིད་འཛིན་ལོག་ བཙག་འཐུས་འབད་ཡོདཔ།

དབྱིན་ཟླ་ པའི་ཚེས་༢༨།
སི་རི་ལང་ཀཱ་རྒྱལ་ཁབ་ནང་ སྲིད་འཛིན་གྱི་བཙག་འཐུས་ནང་ལས་ ལོག་སྟེ་རང་
ད་རེས་ཀྱི་སྲིད་འཛིན་འབད་མི་ མཱ་ཧིན་དཱ་རཱ་ཇ་པགས་ཀྱིས་ རྒྱལ་ཁ་ཐོབ་ཡོདཔ་
ཨིན་མས།

ཁོ་གིས་ ཚོགས་རྒྱན་ཡོངས་བསྡོམས་ལས་ ཚོགས་རྒྱན་ བརྒྱ་ཆ་༦༠ ཐོབ་ཡོདཔ་
ཨིན་མས།

དགུང་ལོ་༦༤ ལངས་ཡོད་མི་ རཱ་ཇ་པགས་གིས་ ཚོགས་རྒྱན་བསྡོམས་ ས་ཡ་༦ དང་ བརྒྱ་ཆ་ལས་འབད་བ་ཅིན་ བརྒྱ་ཆ་༦༠ དེ་ཅིག་
ཐོབ་ཡོདཔ་ཨིན་མས།

ལྡོག་ཕྱོགས་ཀྱི་ འདེམས་ངོ་ ཕོན་སི་ཀཱ་གིས་ ཚོགས་རྒྱན་ ས་ཡ་༤ ལྷགཔ་ཅིག་ ཐོབ་ཡོདཔ་ཨིན་མས།

རཱ་ཇ་པགས་ཀྱིས་ ཚོགས་རྒྱན་བཙུགས་ཡོད་མི་ཚུ་ལས་ ཚོགས་རྒྱན་ ཕྱེད་ལས་ལྷགཔ་ཅིག་གིས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་མས།

སི་རི་ལང་ཀཱ་ལུ་ ལོ་ངོ་༢༥ གི་རིང་ ནང་འཁྲུག་ནང་ལས་ ཀྲ་མིལ་ཊའི་གར་ངོ་རྒོལ་པ་ཚུ་ ཕམ་གཏང་མི་ཤུལ་ བཙག་འཐུས་འགོ་དང་པ་
འབད་ཡོདཔ་ཨིན་མས།

བཙག་འཐུས་ནང་ལུ་ ཚོགས་རྒྱན་ཡོངས་བསྡོམས་ བརྒྱ་ཆ་༧༠ གིས་ ཚོགས་རྒྱན་བསྐྱུར་ཡོདཔ་ཨིན་མས།

སྙན་ཞུ་ནང་ལུ་ བཙག་འཐུས་འདི་ སྐྱིད་ཏོང་ཏོ་སྦེ་ འབད་ཚུགས་ཅི་ཟེར་ཨིན་མས།


Google
 

© ༢༠༠༨ ཡོངས་འབྲེལ་འདི་གི་བདག་དབང་འབྲུག་རྒྱང་བསྒྲགས་ལས་འཛིན་ལུ་ཡོད།
ཡིག་སྒྲོམ་ཨང་༡༠༡། འབྲུག་ཐིམ་ཕུག བརྒྱུད་འཕྲིན་ཨང་
(+༩༧༥) ༢ ༣༢༣༠༧༡། ༣༢༣༠༧༢། པར་འཕྲིན་ཨང་ ༢ ༧༢༣༠༧༣།