རྒྱལ་ཡོངས་དཔེ་མཛོད་ནང་ ཧེང་སྐལ་ཀི་དེབ་༡༠༠ ལྷོད་ཡོདཔ།
དབྱིན་ཟླ་
༢
པའི་ཚེས་༩
།
རྒྱལ་ཡོངས་དཔེ་མཛོད་ནང་ལུ་ ད་རུང་ ཧེང་སྐལ་ཀི་དེབ་༡༠༠ ལྷོད་ཡོདཔ་ཨིན་མས།
རྒྱ་གར་གཞུང་གིས་ ནང་པའི་དཔེ་ཆ་ཚུ་ལས་འགོ་བཙུགས་ཏེ་ དོན་ཚན་སོ་སོ་ ཐོག་ལུ་
ཀི་དེབ་ཚུ་ ཞལ་འདེབས་གནང་ཡོདཔ་ཨིན་མས།
ཀི་དེབ་ཚུ་རྒྱ་གར་གྱི་གཞུང་ཚབ་ཀྱིས་ རྒྱ་གར་གཞུང་གི་ཧོང་ལས་སྦེ་ འབྲུག་རྒྱལ་ཁབ་ལུ་གནང་ཡོདཔ་ཨིན་མས།
ཀི་དེབ་ཚུ་ མ་དངུལ་འབུམ་ཅིག་དེ་ཅིག་ གནས་དོ་ཡོདཔ་ཨིན་མས།
གཞུང་ཚབ་པཱ་བཱན་ཀེ་བར་མ་གིས་འབད་བ་ཅིན་ ཀི་དེབ་ཚུ་གིས་ འབྲུག་རྒྱལ་ཁབ་ཀྱི་
ལམ་ལུགས་སྲོལ་བདག་འཛིན་འབད་ནི་ལུ་ ཆ་རོགས་འབད་འོང་ཟེར་གསུངས་ནུག
ཀི་དེབ་ཚུ་ རྩིས་ལེན་པའི་སྐབས་ལུ་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གིས་
ཀི་དེབ་འདི་ཚུ་གི་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་ཕྲུག་དང་སློབ་དཔོན་ དེ་ལས་
ཤེས་རིག་གི་ལཱ་འབད་མི་དང་ གནས་ཚུལ་གྱི་ལཱ་འབད་མི་ཚུ་ལུ་ ཕན་ཐོག་བྱུང་འོང་ཟེར་གསུངས་ནུག
ཞལ་འདེབས་ཐོབ་ཡོད་མི་ ཀི་དེབ་འདི་ཚུ་ ག་ར་ ཨིན་སྐད་ནང་ཡོདཔ་ཨིན་མས།
རྒྱལ་ཡོངས་དཔེ་མཛོད་ནང་ ཀི་དེབ་ཚུ་མང་ཤོས་རང་ རྫོང་ཁ་ནང་ འབྲི་འདི་ཡོདཔ་ཨིན་མས།
གདོང་ཤོག
|
ལྟག་ལ
ུ
|
Enter your search terms
Web
bbs.com.bt
Submit search form
© ༢༠༠༨ ཡོངས་འབྲེལ་འདི་གི་བདག་དབང་འབྲུག་རྒྱང་བསྒྲགས་ལས་འཛིན་ལུ་ཡོད།
ཡིག་སྒྲོམ་ཨང་༡༠༡། འབྲུག་ཐིམ་ཕུག བརྒྱུད་འཕྲིན་ཨང་
(
+
༩༧༥) ༢ ༣༢༣༠༧༡། ༣༢༣༠༧༢། པར་འཕྲིན་ཨང་ ༢ ༧༢༣༠༧༣།