མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྐྱབས་རྗེ་གདུང་སྲས་འཕྲིན་ལས་
ནོར་བུ་མཆོག་དང་ མཇལ་འཕྲད་གནང་ཡོདཔ།

དབྱིན་ཟླ་༡༠ པའི་ཚེས་༡༣
ཁ་རྩ་ གླིང་ཀ་ནའི་ ཕོ་བྲང་ནང་ལུ་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་
སྐྱབས་རྗེ་གདུང་སྲས་ འཕྲིན་ལས་ནོར་བུ་རིན་པོ་ཆེ་དང་ མཇལ་འཕྲད་གནང་ནུག

སྐྱབས་རྗེ་ གདུང་སྲས་འཕྲིན་ལས་ནོར་བུ་རིན་པོ་ཆེ་དེ་ ཟླཝ་གཅིག་གི་གཟིགས་སྐོར་
དོན་ལས་ གཟའ་ལྷགཔ་ཚུ་ འབྲུག་ལུ་བྱོན་གནང་ཡོདཔ་ཨིན་མས།

ཁ་ཉིནམ་ སྐྱབས་རྗེ་ གདུང་སྲས་འཕྲིན་ལས་ནོར་བུ་རིན་པོ་ཆེ་གིས་ ཐིམ་ཕུག་ རྒྱལ་ཡོངས་
རྗེས་དྲན་མཆོད་རྟེན་ལུ་ ཁྲོས་མའི་ཚོགས་འཁོར་གྱི་དབུ་བཞུགས་མཛད་གནང་ཡོདཔ་ད་
གཟའ་ཕུརཔ་ལུ་ གདུང་སྲས་རིན་པོ་ཆེ་གིས་ ཁྲིམས་སྲུང་འགག་པའི་ཐང་ནང་ལུ་སྦེ་
བཛྲ་གུ་རུའི་ལུང་གནང་ནི་ཨིན་མས།

གདུང་སྲས་རིན་པོ་ཆེ་གིས་ འབྲུག་ལུ་གཟིགས་སྐོར་གནང་མི་དེ་ཡང་ འབྲུག་གི་བློན་ཆེན་ འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་
མགྲོན་བརྡ་གནངམ་བཞིན་དུ་བྱོན་ཡོདཔ་ད་ རིན་པོ་ཆེ་གིས་ བཀྲིས་སྒང་རང་བྱུང་ལུ་ཡང་ བཛྲ་གུ་རུའི་ལུང་གནང་ནི་ཨིན་མས།

གདུང་སྲས་རིན་པོ་ཆེ་དེ་ རྙིང་མའི་ཆོས་ལུགས་ཀྱི་ བླ་ཆེན་གཅིག་ཨིནམ་ད་ རྒྱལ་བ་བློང་ཆེན་རམ་འཇམ་དང་ སྤྲུལ་སྐུ་སྒྲིབ་མེད་
འོད་ཟེར་གྱི་སྤྲུལ་པ་ཨིན་མས།

སྐྱབས་རྗེ་ གདུང་སྲས་ འཕྲིན་ལས་ནོར་བུ་རིན་པོ་ཆེ་དེ་ རྫོ་གསར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་དང་ གདུང་འཛིན་དགའ་རབ་
རིན་པོ་ཆེ་གཉིས་ཀྱི་ ཡབ་ཨིན་མས།

ཡུ་ནའི་ཀྲེད་ཨིས་ཀྲེས་ལུ་བཞུགས་མི་ གདུང་སྲས་ འཕྲིན་ལས་ནོར་བུ་རིན་པོ་ཆེ་གིས་ ཧེ་མ་ དབྱིན་ལོ་༡༩༩༤ ལུ་ཚར་གཅིག་ འབྲུང་ལུ་
བྱོན་གནང་ཡོདཔ་ཨིན་མས།


Google
 

© ༢༠༠༨ ཡོངས་འབྲེལ་འདི་གི་བདག་དབང་འབྲུག་རྒྱང་བསྒྲགས་ལས་འཛིན་ལུ་ཡོད།
ཡིག་སྒྲོམ་ཨང་༡༠༡། འབྲུག་ཐིམ་ཕུག བརྒྱུད་འཕྲིན་ཨང་
(+༩༧༥) ༢ ༣༢༣༠༧༡། ༣༢༣༠༧༢། པར་འཕྲིན་ཨང་ ༢ ༧༢༣༠༧༣།