ཆུ་མཛོད་ཕྱག་བརྡར་མ་བརྐྱབ་མི་ལུ་བརྟེན་ ནད་གཞི་ཐོབ་ནིའི་ཉེན་ཁ་ཡོདཔ།
དབྱིན་ཟླ་
༢
པའི་ཚེས་
༩།
མི་མང་ཤོས་ཅིག་གིས་རང་ ཆུ་འདི་ ཆུ་ཀ་ལི་ནང་ལས་ ཕྲང་སྟེ་འཐུངམ་ཨིན་མས།
དེ་འབད་འཐུང་ནི་དེ་ གཙང་སྦྲང་དང་ལྡནམ་མེནཔ་ལས་ འཕྲལ་འཕྲལ་འབད་རང་
ཆུའི་བརྐ་ ཧིང་སངས་སངས་འདུག་ག་མིན་འདུག་ བལྟ་ནི་འདི་ཁག་ཆེཝ་ཨིན་མས།
ཆུ་མཛོད་ནང་ལུ་ ས་དང་དམ་ཚུ་ཡོདཔ་མ་ཚད་ སྦུབ་དང་ སྦལ་ཅུང་ཚུ་ཡང་ སྡོད་དོ་ཡོདཔ་ཨིན་མས།
མི་མང་ཤོས་གི་རང་ ཆུ་མཛོད་འདི་ ཕྱད་བརྡར་བརྐྱབ་ནི་འདི་ཕར་རང་བཞག་ མིག་ཏོ་གིས་ཡང་མ་བལྟ་བར་ ཆུ་མཛོད་ནང་ལས་
ཆུ་འཐུང་དོ་ཡོདཔ་ཨིན་མས།
ཆུ་མཛོད་ཕྱག་བརྡར་བརྐྱབ་ནིའི་ ལཱ་གི་ཁག་འབག་འདི་ བསོད་ནམས་རྡོ་རྗེ་གིས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་མས།
ད་རིས་ཚུན་ཚོད་ ཁོང་ཚུ་གིས་ ཆུ་མཛོད་༥ ལྷགཔ་ཅིག་ ཕྱག་བརྡར་བརྐྱབ་ཡོདཔ་ཨིན་མས།
ཁོང་ཚུ་གིས་ ཧེ་མ་རང་ ཆུ་མཛོད་འདི་ སྟོངམ་སྟོན་ཞིནམ་ལས་ ནང་ན་ཡོད་མི་ འདམ་ཚུ་ ཕྱག་བརྡར་བརྐྱབ་དོ་ཡོདཔ་ཨིན་མས།
དེ་ལས་མཇུག་རང་ ཁོང་གིས་ ཆུ་མཛོད་ནང་ལུ་ ལྷག་མ་ལུས་ཡོད་མི་ ནད་སྦུབ་ཚུ་
བསད་ནི་དོན་ལས་ སྨན་བཏོར་དོ་ཡོདཔ་ཨིན་མས།
ཆུ་མཛོད་ཚུ་ འཕྲལ་འཕྲལ་རང་ ཕྱག་བརྡར་བརྐྱབ་དགོ་དོ་ཡོདཔ་ཨིན་མས།
གསོ་བའི་ལྷན་ཁག་གིས་ མི་དམངས་ཡོངས་དང་ ཁྱིམ་གྱི་སྦྱིན་བདག་ཚུ་ལུ་ ཁོང་རའི་ ཆུ་མཛོད་འདི་ མཐའ་ཟུར་གྱི་གཡུས་ཚུ་ནང་
འབད་བ་ཅིན་ ཉུང་མཐའ་ ཟླཝ་གསུམ་གྱི་ནང་ལུ་ ཚར་རེ་ཕྱག་བརྡར་བརྐྱབ་དགོཔ་ཨིནམ་ད་ ཁྲོམ་ཚོགས་ནང་ཨིན་པ་ཅིན་ ཟླཝ་དྲུག་གི་
ནང་འཁོད་ལུ་ ཚར་རེ་ ཕྱག་བརྡར་བརྐྱབ་དགོཔ་སྦེ་ སྙན་ཞུ་འབདཝ་ཨིན་མས།
ཆུ་མཛོད་ཕྱག་བརྡར་གྱི་ ལཱ་འབད་མི་ཚུ་ ལཱ་གཡོག་མེད་པའི་ དཀའ་ངལ་གསལ་ཡོདཔ་མ་ཚད་ གཞན་མི་ཚུ་ལུ་ཡང་ གཡོག་གི་
གོ་སྐབས་བཟོ་ཡོདཔ་ཨིན་མས།
གདོང་ཤོག
|
ལྟག་ལ
ུ
|
Enter your search terms
Web
bbs.com.bt
Submit search form
© ༢༠༠༨ ཡོངས་འབྲེལ་འདི་གི་བདག་དབང་འབྲུག་རྒྱང་བསྒྲགས་ལས་འཛིན་ལུ་ཡོད།
ཡིག་སྒྲོམ་ཨང་༡༠༡། འབྲུག་ཐིམ་ཕུག བརྒྱུད་འཕྲིན་ཨང་
(
+
༩༧༥) ༢ ༣༢༣༠༧༡། ༣༢༣༠༧༢། པར་འཕྲིན་ཨང་ ༢ ༧༢༣༠༧༣།