མ་དངུལ་ ས་ཡ་༡༩ ལྷགཔ་ཅིག་ སའི་རྒུད་འཐུས་སྦེ་སྤྲོད་ཡོདཔ།
དབྱིན་ཟླ་
༢
པའི་ཚེས་
༩།
ཁ་རྩ་ གཞུང་གིས་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གྱིས་ གནོད་པ་བྱུང་ཡོད་མི་
ཁྱིམ་གུང་པ་ཚུ་ལུ་ མ་དངུལ་ ས་ཡ་༡༩ ལྷགཔ་ཅིག་ རྒུད་འཐུས་སྦེ་ སྤྲོད་ཡོདཔ་
ཨིན་མས།
ལས་འགུལ་འདི་གིས་ བསྡོམས་ཀྱི་ཁྱིམ་གུང་པ་༩༠ ལུ་ གནོད་དོ་ཡོདཔ་ཨིན་མས།
མ་དངུལ་ཚུ་ཡང་ ཁྱིམ་དང་ནོར་ཁྱིམ་ དེ་ལས་ཤིང་འབྲས་ལྡུམ་ར་ མེདཔ་བཏང་མི་ལུ་ཚུ་གི་དོན་ལུ་ བྱིན་ཡོདཔ་ཨིན་མས།
ཨིན་རུང་ གཞུང་ལས་གནང་ཡོད་མི་རྒུད་འཐུས་ལུ་ མི་ལ་ལོ་ཅིག་སེམས་མ་དགའ་བར་ཡོདཔ་ཨིན་མས།
འབྲུག་གཞུང་གི་ ལས་འགུལ་གྱིས་ ས་དང་ཁྱིམ་ཚུ་ གནོད་ནི་ཨིན་མི་ཚུ་ལུ་ དངུལ་རྐྱང་གི་རྒུད་འཐུས་བྱིན་ནི་དོན་ལས་ ཁྱིམ་གུང་པ་༡༤
ངོས་འཛིན་འབད་ཡོདཔ་ཨིན་མས།
འདི་ནང་ལས་ མི་གཅིག་གིས་ རྒུད་འཐུས་ལེན་མ་བཏུབ་ཨིན་མས།
དེ་ལས་ ཆུ་ཞིང་ནང་ ཁྱིམ་བརྐྱབ་མི་ཚུ་ལུ་ རྒུད་འཐུས་མི་ཐོབ་ནི་ཨིན་མས།
གནས་སྐབས་ཅིག་ གཞུང་གིས་ ཁོང་ཚུ་ལུ་ ས་ཚབ་བྱིན་དོ་ཡོདཔ་ཨིན་མས།
གཞུང་གིས་ཧེ་མ་ལས་ ཁྱིམ་གུང་པ་༤༨ ལུ་ ས་ཚབ་བྱིན་ཚར་ཡོདཔ་ད་ ད་རུང་ ཁྱིམ་གུང་པ་༢༣ ལུ་ ས་ཚབ་བྱིན་ནིའི་དོན་ལས་
ཞིབ་དཔྱད་ཚུ་འབད་དོ་ཡོདཔ་ཨིན་མས།
ད་ལྟོ་ཚུན་ཚོད་ལུ་ ཁྱིམ་གུང་པ་༡༩ གིས་ ས་ཚབ་མ་འཚོལ་བ་ཡོདཔ་ཨིན་མས།
ཁྱིམ་གྱི་སྦྱིན་བདག་མང་ཤོས་རང་ ཁོང་གི་ ད་རིས་ཐོབ་ཡོད་མི་ རྒུད་འཐུས་ལུ་ སེམས་དང་མ་ལྡན་པར་ཡོདཔ་ཨིན་མས།
གདོང་ཤོག
|
ལྟག་ལ
ུ
|
Enter your search terms
Web
bbs.com.bt
Submit search form
© ༢༠༠༨ ཡོངས་འབྲེལ་འདི་གི་བདག་དབང་འབྲུག་རྒྱང་བསྒྲགས་ལས་འཛིན་ལུ་ཡོད།
ཡིག་སྒྲོམ་ཨང་༡༠༡། འབྲུག་ཐིམ་ཕུག བརྒྱུད་འཕྲིན་ཨང་
(
+
༩༧༥) ༢ ༣༢༣༠༧༡། ༣༢༣༠༧༢། པར་འཕྲིན་ཨང་ ༢ ༧༢༣༠༧༣།