ནདཔ་སྐྱེལ་འདྲེན་གྱི་སྣུམ་་འཁོར་༡༠ ཉོ་ཡོདཔ།

དབྱིན་ཟླ་ པའི་ཚེས་༨།
གསོ་བའི་ལྷན་ཁག་གིས་ ད་རུང་རང་ ནད་པའི་འགྲུལ་འཁོར་༡༠ ཉོ་ཡོདཔ་ཨིན་
མས།

ནདཔ་གི་སྣུམ་འཁོར་ཚུ་ཡང་ ཁ་རྩང་ ཕུན་ཚོགས་གླིང་ལུ་སྦེ་ གསོ་བའི་བློན་པོ་
བཟང་ལས་འབྲུག་པ་གིས་འབད་ སྨན་ཁང་ཚུ་ལུ་གནང་ནུག

ཨེམ་བུ་ལེནསི་འདི་ཚུ་ཡང་ གཞུང་གིས་ ཇཱ་པཱན་ལས་ཉོ་ཡོདཔ་ད་ འགྲུལ་འཁོར་རེ་ལུ་ ཟད་འགྲོ་ ས་ཡ་༣ དེ་རེ་གི་རྩིས་གནས་ཡོདཔ་
ཨིན་མས།

གསོ་བའི་བློན་པོ་གིས་ ནདཔ་གི་སྣུམ་འཁོར་ མང་སུ་འབད་ ཉོ་དགོ་མི་འདི་ཡང་ ནདཔ་ཚུ་ལུ་ཞབས་ཏོག་ ག་སྟེ་མགྱོགས་མགྱོགས་དང་
དྲགཔ་འབད་ཞུ་ནི་གིས་དོན་ལུ་ཨིན་ཟེར་གསུངས་ནུག

ད་རེས་ ནདཔ་གི་སྣུམ་འཁོར་ ད་རུང་རང་༡༠ ཉོ་མི་འདི་རྩིས་ཏེ་  རྒྱལ་ཁབ་ནང་ ཨེམ་བུ་ལེནསི་སྡོམས་༧༨ ཡོདཔ་ཨིན་མས།


Google
 

© ༢༠༠༨ ཡོངས་འབྲེལ་འདི་གི་བདག་དབང་འབྲུག་རྒྱང་བསྒྲགས་ལས་འཛིན་ལུ་ཡོད།
ཡིག་སྒྲོམ་ཨང་༡༠༡། འབྲུག་ཐིམ་ཕུག བརྒྱུད་འཕྲིན་ཨང་
(+༩༧༥) ༢ ༣༢༣༠༧༡། ༣༢༣༠༧༢། པར་འཕྲིན་ཨང་ ༢ ༧༢༣༠༧༣།