རྒྱ་ནག་གི་ སི་ཅུའན་མངའ་སྡེ་ནང་ལུ་ ས་ཡོམ་རྐྱབ་ཡོདཔ།
དབྱིན་ཟླ་
༢
པའི་ཚེས་
༡།
ཁ་ཉིནམ་དྲོ་པར་ རྒྱ་ནག་གི་ སི་ཅུའན་མངའ་སྡེ་ནང་ལུ་ ས་ཡོམ་བརྐྱབས་ད་
མི་གཅིག་ལུ་ ཤི་རྐྱེན་དང་ གཞན་མི་༡༡ ནདཔ་བཏོན་ཡོདཔ་ཨིན་མས།
ས་ཡོམ་བརྐྱབས་ད་ལུ་ ཁྱིམ་༡༠༠ ལྷགཔ་ཅིག་ཡང་ ཧྲམ་འགྱོ་ཡོདཔ་ཨིན་མས།
མི་ལུ་ཤི་རྐྱེན་དང་རྨ་སྐྱོན་ཚུ་ཡང་ ཤར་ཕྱོགས་སི་ཅུའན་མངའ་སྡེའི་ གཡུས་སྒོ་གསུམ་ནང་བྱུང་ཡོདཔ་ཨིན་མས།
ས་ཡོམ་བརྐྱབས་ཡོད་པའི་ས་གནས་འདི་ནང་ ས་ཡོམ་བརྟག་དཔྱད་ལས་ཁུངས་ཀྱི་ མདོ་ཆེན་འོགམ་གིས་གཙོས་པའི་ ས་ཡོམ་
བརྟག་དཔྱད་འགོ་དཔོན་༣༠ ལྷགཔ་ཅིག་ ཞིབ་དཔྱད་རྐྱབ་པར་ལྷོད་དེ་ཡོདཔ་ཨིན་མས།
ས་ཡོམ་བརྐྱབས་ཡོད་པའི་སུའི་ནིང་ཁྲོམ་འདི་ནང་ མི་རློབས་ ས་ཡ་༣ དང་འབུམ་༨ ཡོདཔ་དང་ ཁྲོམ་འདི་ སུ་ཅིའན་མངའ་སྡེའི་
རྒྱལ་ས་ལས་ ཀི་ལོ་མི་ཀྲར་༡༤༠ གི་ས་ཁར་ཡོདཔ་ཨིན་མས།
དབྱིན་ལོ་༢༠༠༨ དབྱིན་ཟླ་༥ པའི་ནང་ལུ་ཡང་ སི་ཅུའན་མངའ་སྡེ་ནང་ལུ་ ས་ཡོམ་ཤུགས་འབད་རང་བརྐྱབས་ད་ མི་སྟོང་ཕྲག་༨༧
དེ་ཅིག་ ཤི་ཡོདཔ་ཨིན་མས།
གདོང་ཤོག
|
ལྟག་ལ
ུ
|
Enter your search terms
Web
bbs.com.bt
Submit search form
© ༢༠༠༨ ཡོངས་འབྲེལ་འདི་གི་བདག་དབང་འབྲུག་རྒྱང་བསྒྲགས་ལས་འཛིན་ལུ་ཡོད།
ཡིག་སྒྲོམ་ཨང་༡༠༡། འབྲུག་ཐིམ་ཕུག བརྒྱུད་འཕྲིན་ཨང་
(
+
༩༧༥) ༢ ༣༢༣༠༧༡། ༣༢༣༠༧༢། པར་འཕྲིན་ཨང་ ༢ ༧༢༣༠༧༣།